ཆེད་རྩོམ།

བོད་ཡིག་དྲ་ཚིགས་བཟོ་པའི་སྤྱིར་བཏང་གི་གོ་རིམ་སྐོར་རགས་ཙམ་བརྗོད་པ།

[རྩོམ་གྱི་ཡོང་ཁུངས། བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བ། [རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན།]

དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བོད་ཡིག་གི་དྲ་ཚིགས་བཟོ་པའི་ཚ་རླབས་ ཞིག་ངང་གིས་འཕྱུར་ཡོང་བ་དང་། དྲ་ཚིགས་བཟོ་རྒྱུ་ནི་ཚད་རིམ་མཐོ་བའི་དྲ་རྒྱའི་ལག་རྩལ་གྱི་རྣམ་གྲངས་ཤིག་ཡིན་ པའི་ཆ་ནས།འདི་ནས་ཕྲན་ཆུང་གིས་རང་རིགས་ཀྱི་ན་མཉམ་གྲོགས་པོ་དག་དང་ནང་སྒོས་སུ་ དྲ་རྒྱའི་ཕྱོགས་ལ་བློ་ཁ་ཕྱོགས་མཁན་དག་ལ་རང་ཉིད་ཀྱི་ཉམས་མྱོང་གཞིར་བཟུང་སྟེ་ བོད་ཡིག་དྲ་ཚིགས་ཀྱི་བཟོ་རིམ་ཕྱོགས་ནས་མཚམས་སྦྱོར་རགས་ཙམ་བྱ། གཅིག དྲ་ཚིགས་ཀྱི་བརྗོད་གཞི་གཏན་ཁེལ་བྱེད་དགོས། བརྗོད་གཞི་ལ་རང་སྟེང་གི་ཁྱད་ཆོས་ལྡན་དགོས་ཏེ། དྲ་བ་གང་ཡིན་ཡང་རང་རང་ལ་ཁྱད་ཆོས་མངོན་གསལ་རེ་ལྡན་དགོས་ཤིང་ནང་དོན་ཐད་ནས་ ཀྱང་དགོས་ངེས་དང་གཙོ་བཏུས། ཕུན་སུམ་ཚོགས་པ་བཅས་ཡིན་དགོས། དྲ་རྒྱའི་ཆེས་འབུར་ཐོན་གྱི་དགེ་མཚན་ནམ་ཁྱད་ཆོས་གཙོ་བོ་ནི་བརྡ་འཕྲིན་རྒྱུད་ སྤྲོད་ཕྱོགས་ཀྱི་ཟུང་ལྡན་ཁྱད་ཆོས་སྟེ། ཆེས་གསར་བ་དང་ཆེས་མགྱོགས་པ་དེ་ཡིན། མིག་སྔར་ཆེས་དགའ་བསུ་ཐོབ་པའི་གཙོ་ངོས་དག་ནི་ཉིན་རེར་གསར་བསྒྱུར་བྱེད་པའམ་ སྐབས་ཐོག་ཏུ་གསར་བསྒྱུར་བྱེད་པའི་དྲ་ཚིགས་དག་རེད། བོད་ཡིག་གི་དྲ་ཚིགས་དག་ལ་མཚོན་ན་ཆེས་དགའ་བསུ་ཐོབ་པ་ནི་མཆོད་མེ་དྲ་བ་དང་བོད་ ཀྱི་སྐད་ཡིག་དྲ་བ་གཉིས་ཡིན་ལ། དེ་གཉིས་ལ་རང་དབང་གི་བར་སྟོང་ཡོད་པས་རེད། ཆེས་གསར་བའི་བརྟག་ཞིབ་མཇུག་འབྲས་ལས་མཚོན་པ་ལྟར་ན། དྲ་རྒྱའི་སྟེང་གི་ཆེད་ལས་དྲ་བ་དག་ནི་སྣ་འཛོམས་དྲ་བ་ལས་ཆེས་ཆེར་དགའ་བསུ་ཐོབ་ ཡོད་པ་རེད། དཔེར་ན། མི་སུ་ཡིན་རུང་རྒྱུན་ལྡན་འཚོ་བའི་ཁྲོད་དངོས་པོ་ག་གེ་མོ་ཞིག་ཉོ་དགོས་ཚེ། ཐད་ཀར་དུ་ཆེད་ཚོང་ཁང་དུ་དངོས་པོ་འདེམས་ཉོ་བྱེད་པ་ལས་སྣ་འཛོམས་ཚོང་ཁང་དུ་ སོང་ནས་དངོས་རྫས་རིགས་མང་པོ་ནས་འཚོལ་བའི་ངལ་བ་དེ་བྱེད་རྒྱུ་མིན་ལས་ཆེ། གཉིས། དྲ་ཚིགས་ཀྱི་ལེ་ཚན་དང་པང་ངོས(栏目和板块)གཏན་འཁེལ་ བྱེད་དགོས། དྲ་ཚིགས་བཟོ་བ་ནི་རྩོམ་ཡིག་གཅིག་འབྲི་བ་ནང་བཞིན། ཐོག་མར་བརྗོད་དོན་གནད་བསྡུས་ཤིག་བློ་ཁོག་ཏུ་ཤར་ཚེ་ད་གཟོད་བརྗོད་སྙིང་འབུར་ ཐོན་དང་སྒྲིག་རིམ་ཁ་གསལ་ཞིག་ཡོང་ཐུབ་པ་ལས། དྲ་ཚིགས་ཀྱི་སྒྲིག་གཞི་གསལ་བོ་མིན་པ་དང་དཀར་ཆག་བཀོད་པ་རྙོག་འཛིང་ཡིན་པ། བརྗོད་བྱ་ཉ་ཉོག་ཡིན་པ་བཅས་ཀྱིས་ཀློག་པ་པོ་རྣམས་ལ་མགོ་རྙོག་བར་བྱེད་པ་མ་ཟད། རྩོམ་སྒྲིག་པ་དང་ལག་རྩལ་པ་དག་གིས་རྩོམ་ཡིག་རྩོམ་སྒྲིག་དང་དྲ་ཚིགས་བདག་ སྐྱོང་བྱེད་པ་ལའང་དཀའ་ཁག་མང་པོ་བཟོ་སྲིད་པས་དྲ་ཚིགས་དེ་ཉམས་རྒུད་དུ་འགྱུར་ ཉེན་ཆེ་བ་རེད། དེ་བས། དྲ་ཚིགས་ཀྱི་ལེ་ཚན་དང་པང་ངོས་གཏན་ཁེལ་བྱེད་པར་ཐོག་མར་དཔྱད་བསྡུར་བྱས་ཏེ་དྲ་ ཚིགས་ཀྱི་བརྗོད་བྱ་གཏན་ཁེལ་བྱས་རྗེས་འབྲེལ་ཡོད་དཔྱད་གཞིའམ་རྒྱུ་ཆ་བསྡུ་རུབ་ དང་རྩ་འཛུགས་བྱས་ཏེ་ལེ་ཚན་རེ་རེའི་གནས་ས་དང་འཆར་སྟངས། ལེ་ཚན་གྱི་གཙོ་ཕལ་དབྱེ་བ། དེ་མིན་ནང་དོན་གཙོ་བོ་ཅན་དང་སྙིང་བསྡུས་ཅན་རྣམས་པར་ངོས་སྟེང་གི་གནས་ས་བཀོད་ སྒྲིག་བྱེད་རྒྱུ་དེའང་གལ་ཆེ་བའི་ནང་དོན་ཞིག་རེད། ལེ་ཚན་གྱི་དོན་དངོས་ནི་དྲ་ཚིགས་ཤིག་གི་རྩ་གནད་དང་བསྡུས་དོན་ཡིན་སྟབས(大纲索引)། བསྡུས་དོན་དེས་དྲ་ཚིགས་དེ་གའི་བརྗོད་གཞི་འབུར་ཐོན་དང་གསལ་མཚོན་ཡོང་བར་བྱེད་ དགོས་ལ། ལེ་ཚན་ཁག་གཏན་ཁེལ་བྱེད་སྐབས་རང་འདོད་ལྟར་མི་བྱེད་པར་ཞིབ་ཏུ་བསམ་བློ་བཏང་ སྟེ་འོས་འཚམས་ཀྱིས་བཀོད་སྒྲིག་བྱེད་དགོས། སྤྱིར་བཏང་དུ་དྲ་ཚིགས་ཤིག་གི་ལེ་ཚན་བཀོད་སྒྲིག་བྱེད་སྐབས་གཤམ་གྱི་ཕྱོགས་ འགའ་ལ་གཟབ་ནན་བྱེད་དགོས་ཏེ། 1.བརྗོད་སྙིང་དང་དམ་དུ་འབྲེལ་དགོས། བརྗོད་སྙིང་དང་འབྲེལ་ཏེ་བྱེད་ཐབས་ངེས་ཅན་བཀོལ་ནས་རིགས་དགར་དགོས་པ་མ་ཟད་ལེ་ ཚན་དེ་དག་དྲ་ཚིགས་ཀྱི་ལེ་ཚན་གཙོ་བོར་བྱེད་དགོས། བརྗོད་སྙིང་ཡིན་པའི་ལེ་ཚན་གྱི་ཁ་གྲངས་དེ་སྤྱིའི་ལེ་ཚན་ཡོངས་ཀྱི་ཁ་གྲངས་མང་ པོ་ཞིག་ཟིན་པར་བྱས་ཏེ་དྲ་ཚིགས་ཀྱི་ཆེད་ལས་ཁྱད་ཆོས་ནས་བརྗོད་སྙིང་འབུར་ཐོན་ ཡོང་ཐུབ་ཚེ། ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཐོབ་ངེས་པ་དང་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་ རེད། 2.ཉེ་དུས་གསར་བསྒྱུར་བྱས་པ་དང་དྲ་ཚིགས་ཕྱོགས་སྟོན་བྱེད་པའི་ལེ་ཚན་འཛུགས་ དགོས། འདི་ལྟར་བྱེད་པའི་དམིགས་ཡུལ་ནི་རྒྱུན་པར་ཡོང་བའི་ཀློག་མཁན་རྣམས་ཀྱིས་དྲ་ ངོས་ལ་ལྟོས་མ་ཐག་ནང་དོན་གང་ཞིག་གསར་བསྒྱུར་བྱས་ཡོད་པ་ཐད་ཀར་དུ་ཤེས་ཐུབ་པས་ གཙོ་ངོས་དེ་མི་གཤིས་ཅན་དུ་གྱུར་པ་རེད། 3. ཀློག་པ་པོ་དང་དྲ་ཚིགས་ཕན་ཚུན་བརྗེ་རེས་བྱེད་ཆོག་པའི་ལེ་ཚན་བཀོད་སྒྲིག་བྱེད་ དགོས། འདི་ལ་ལེ་ཚན་ནམ་པང་ངོས་མང་མི་དགོས་མོད། གཅིག་གམ་གཉིས་ངེས་པར་དུ་ཡོད་དགོས། དཔེར་ན། གླེང་སྟེགས་དང་པོད་ཁུག(blog)སྐད་འཇོག་ས། གློག་རྡུལ་ཡིག་ཟམ། དཔྱད་གཏམ་སྤེལ་ས་སོགས་རེད། ལེ་ཚན་འདི་དག་བཀོད་སྒྲིག་བྱས་ཚེ། ཀློག་པ་པོ་དག་ལའང་རང་ཉིད་ཀྱི་ནུས་པ་འདོན་པའི་བར་སྟོང་ཤིག་སྐྲུན་ཡོད་སྟབས། ཀློག་པ་པོ་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པར་དགེ་ མཚན་བླ་ལྷག་ལྡན་པ་རེད། གསུམ། མདུན་ཤོག་ཇུས་འགོད་བྱེད་དགོས། འདི་ནི་ལྷུ་ཚིགས་ཆེས་གཙོ་བོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་དྲ་ཚིགས་ཀྱི་ལེ་ཚན་ དང་འབྲེལ་མཐུད་སྒྲིག་གཞི། པར་ངོས་བཀོད་སྒྲིག་སོགས་ལ་བསམ་བློ་བཏང་རྗེས་ད་གཟོད་བཟོ་སྒྲིག་བྱེད་དགོས་པ་ ཞིག་ཡིན། ཀློག་པ་པོ་རྣམས་ཀྱིས་དྲ་ཚིགས་གང་རུང་ཞིག་གི་ཁ་ཕྱེ་མ་ཐག་ཐོག་མར་མིག་ལམ་དུ་ མངོན་པ་ནི་མདུན་ཤོག་ཡིན་ཞིང་དེས་དྲ་ཚིགས་དེའི་ཐོག་མའི་སྣང་བརྙན་ཡང་མཚོན་ ཐུབ་སྟབས་ཀློག་པ་པོར་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་མིན་དང་དགའ་བསུ་ཐོབ་མིན་དང་ དམ་པོར་འབྲེལ་ཡོད་པས། མདུན་ཤོག་གི་ཇུས་འགོད་དང་བཟོ་སྐྲུན་ནི་མཐོང་ཆེན་དང་ཞིབ་ཚགས་ལྡན་དགོས་པ་ཞིག་ ཡིན། སྤྱིར་བཏང་དུ་མདུན་ཤོག་ཇུས་འགོད་བྱེད་པར་གཤམ་གྱི་ལྷུ་ཚིགས་འགའ་ལྡན་དགོས་ཏེ། (1)པར་ངོས་བཀོད་སྒྲིག (2) ཁ་དོག་སྡེབ་སྦྱོར། (3) ཡིག་གཟུགས་འདེམས་པ། (4)ཞིབ་གསལ་དག་གསུམ་ཐོན་དུ་འཇུག་པ། (5) བཤར་ལྟ་ཆས་དང་དབྱེ་འབྱེད་ཕྱོད་མི་འདྲ་བའི་ནང་གི་འཆར་སྟོན་ཕན་ཕྱོད་ལ་བསམ་ བློ་གཏོང་བ། (6)bannerཇུས་འགོད་བྱེད་པ། (7) གསལ་བྱང(标签)བཟོ་ བ་བཅས་ཡིན། མདུན་ཤོག་ནི་རྩ་བའི་སྟེང་ནས་བཤད་ན་དྲ་ཚིགས་ཀྱི་ནང་དོན་ཡོངས་ཀྱི་དཀར་ཆག་ལྟ་ བུ་ཡིན་པས། མདུན་ཤོག་བཟང་བོ་ཞིག་ཇུས་འགོད་བྱེད་དགོས་ན་ངེས་པར་དུ་གཤམ་གྱི་རྒྱུད་རིམ་དུ་ མ་ལྡན་དགོས། 1.མདུན་ཤོག་གི་བྱེད་ནུས་གཏན་འཁེལ་བྱེད་དགོས། མདུན་ཤོག་གི་བྱེད་ནུས་ཚན་རྡོག(功能模块)ནི་མདུན་ཤོག་སྟེང་མཚོན་ པར་བྱེད་པའི་ནང་དོན་གཙོ་བོ་དང་བྱེད་ནུས་གཙོ་བོ་དག་ལ་ཟེར་ཞིང༌། སྤྱིར་བཏང་གི་དྲ་ཚིགས་ཚང་མར་དྲ་ཚིགས་ཀྱི་མཚོན་རྟགས(logo)དང༌། བརྡ་ཁྱབ(banner)། གདམ་ཐོ་གཙོ་བོ(menu)། གསར་འགྱུར(what`s new)། བཤེར་འཚོལ(search)། མཛའ་མཐུན་དྲ་སྦྲེལ(links)། གྲངས་རྩི་ཡོ་ཆས(count)། ཡིག་ཟམ་གསལ་ཐོ(maillist)། པར་དབང(copyringt)བཅས་ལྡན་དགོས་པ་དང༌། དེ་ལས་གཞན་པའི་བྱེད་ནུས་ཚན་རྡོག་ཁ་སྣོན་བྱེད་དགོས་ཚེ་མདུན་ཤོག་ཇུས་འགོད་ བྱེད་དུས་ཐོག་མ་ནས་གཏན་ཁེལ་བྱེད་དགོས། 2.མདུན་ཤོག་གི་པར་ངོས་ཇུས་འགོད་བྱེད་དགོས། བྱེད་ནུས་ཚན་རྡོག་གཏན་ཁེལ་བྱས་རྗེས་མདུན་ཤོག་གི་པར་ངོས་ཇུས་འགོད་བྱེད་པར་ འགོ་བརྩམས་དགོས་ཏེ། དཔེར་ན། ཤིང་བཟོ་ཞིག་གིས་ཁང་བ་བཟོ་བར་ཤིང་ཆ་རེ་རེའི་རིང་ཐུང་དང་སྤོམ་ཕྲ་ལ་དམིགས་ནས་ རྒྱུ་ཆ་གདམས་གསེས་བྱེད་པ་དང་དེ་རྗེས་རྒྱུ་ཆ་དང་བསྟུན་ནས་ལས་ཀའི་མགོ་ཚུགས་ དགོས་པ་ཇི་བཞིན། པར་ངོས་ཇུས་འགོད་བྱེད་དུས་ཐོག་མར་ཤོག་ངོས་སུ་སྐབས་བབས་ཀྱི་དགོས་མཁོ་དང་ བསྟུན་ནས་དཔེ་རིས་ཙམ་བཀོད་རྗེས་དྲ་ངོས་བཟོ་སྒྲིག་གི་མཉེན་ཆས་སོགས་བཀོད་ནས་ བཟོ་དགོས། 3.ལག་རྩལ་ཕྱོགས་ཀྱི་ཞིབ་ཆ་ཐག་གཅོད་བྱེད་དགོས། འདི་ནི་དེ་སྔོན་བཟོས་པའི་གཙོ་ངོས་དེ་བཤར་ལྟ་ཆས(浏览器)མི་འདྲ་བ་དང་དབྱེ་འབྱེད་ཕྱོད(分辨率)མི་ འདྲ་བའི་ཁྲོད་དབྱིབས་མི་འགྱུར་བ(ཧི་མ་ལ་ཡའི་ཡིག་གཟུགས་ལ་གནད་དོན་འདི་འབུར་ ཐོན་ཡིན)དང༌། བྱེད་ནུས་མི་ཤོར་བ་བྱེད་དགོས་པ་མ་ཟད། ཡིག་གཟུགས་གང་ཞིག་འདེམས་རྒྱུ་དང་ཚད་གཞི་གང་ལྟར་ཇུས་འགོད་བྱེད་རྒྱུ(པཎྟིཏ་ དང་དོན་ཡོད་ཡིན་ན་རྒྱལ་ནང་གི་ཚད་གཞི་དང་ཧི་མ་ལ་ཡ་དང་རྨ་ཆེན་སོགས་ཡིན་ན་ རྒྱལ་སྤྱིའི་ཚད་གཞིUNICODEཡིན་དགོས)སོགས་རེད། མདུན་ཤོག་ཇུས་འགོད་བྱེད་རྒྱུ་ནི་དྲ་ཚིགས་ཇུས་འགོད་བྱེད་པའི་གནད་འགག་དང་དཀའ་ གནད་ཀྱང་ཡིན་པས་བཟོ་སྐྲུན་བྱེད་པའི་གོ་རིམ་ཁྲོད་ལག་རྩལ་ཕྱོགས་ཀྱི་ཞིབ་ཆ་ཐག་ གཅོད་བཟང་བོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། བཞི། དྲ་ཚིགས་ཀྱི་སྣང་བརྙན་གནས་ཐིག་གཏན་ཁེལ་བྱེད་དགོས། ཕུལ་དུ་བྱུང་བའི་དྲ་ཚིགས་ནི་དངོས་རྫས་རིགས་ཤིག་དང་འདྲ་བར་དེའི་ཁྱོན་ཡོངས་ ཀྱི་སྣང་བརྙན་ལ་ཐུམ་སྒྲིལ་དང་ཇུས་འགོད་ལེགས་པོ་བྱས་ཏེ། གནད་དུ་འཁེལ་བ་དང་གསར་སྐྲུན་རང་བཞིན་ལྡན་པའི་སྣང་བརྙན་ཇུས་འགོད་བྱ་རྒྱུ་ནི་ དྲ་ཚིགས་ཀྱི་དྲིལ་སྒྲོག་ནུས་པ་ཁྱབ་གདལ་དུ་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ ཡིན། དྲ་ཚིགས་ཀྱི་བརྗོད་གཞི་དང་མཚན་བྱང་གཏན་ཁེལ་བྱས་རྗེས། ད་རུང་བསམ་གཞིགས་གཏོང་དགོས་པ་ཞིག་ནི་དྲ་ཚིགས་ཀྱི་སྣང་བརྙན་ཡིན་ལ་དྲ་ཚིགས་ གང་དེའི་རང་རང་གི་ཁྱད་ཆོས་ལྡན་པའི་སྣང་བརྙན་སྐྲུན་དགོས། 1.དྲ་ཚིགས་ཀྱི་མཚོན་རྟགས་ཇུས་འགོད་བྱེད་དགོས(logo)། འདི་ནི་ཐོན་རྫས་ཤིག་གི་ཚོང་རྟགས་ཇི་བཞིན་དྲ་ཚིགས་ཀྱི་ཁྱད་ཆོས་དང་ནང་དོན་ རྣམས་གཅིག་བསྡུས་སྒོས་མཚོན་པར་བྱེད་པ་ཞིག་ཡིན། མཚོན་རྟགས་དེ་ཡི་གེ་དང་གསལ་བྱེད་མཚོན་རྟགས། དཔེ་རིས་སོགས་གང་ཡིན་ཡང་ཆོག མཚོན་རྟགས་ཀྱི་ཇུས་འགོད་གསར་སྐྲུན་དེ་དྲ་ཚིགས་ཀྱི་མཚན་བྱང་དང་ནང་དོན་ལས་ མཚོན་པར་བྱེད་དགོས། 2.དྲ་ཚིགས་ཀྱི་ཚད་ལྡན་ཁ་དོག་ཇུས་འགོད་བྱེད་དགོས། དྲ་ཚིགས་ཀྱིས་ཀློག་པ་པོར་ཐོག་མའི་བག་ཆགས་བཟང་བོ་ཞིག་འཇོག་ཐུབ་མིན་ནི་གཙོ་ བོ་མིག་ཤེས་ལ་རག་ལས་སྟབས། དྲ་ཚིགས་ཀྱི་ཚད་ལྡན་ཁ་དོག་གཏན་ཁེལ་བྱེད་རྒྱུ་ནི་གོམ་རིམ་གལ་ཆེན་ཞིག་རེད། ཁ་དོག་གི་སྡེབ་སྦྱོར་མ་འདྲ་ན་དེ་ལས་ཐོན་པའི་ཡག་ཉེས(效果)ཀྱང་མི་འདྲ་ལ་ཐད་ཀར་དུ་ཀློག་པ་པོའི་སྣང་ཁམས(情绪)ལའང་ཤུགས་རྐྱེན་བཟོ་སྲིད་པས། " ཚད་ལྡན་གྱི་ཁ་དོག " ནི་དྲ་ཚིགས་ཀྱི་སྣང་བརྙན་དང་ནང་དོན་མཚོན་པར་བྱེད་པའི་དམ་ རྟགས་ལྟ་བུ་ཞིག་རེད། དཔེར་ན། IBMནི་སྔོ་ནག་དངWINDOWSསྒེའུ་ཁུང་ཁྲོད་ཀྱི་དམར་སྔོ་སེར་ལྗང་གི་མདོག་ལེབ(色块)ཚང་མ་ནི་ང་ཚོའི་མཐོང་སྣང་དུ་ཆེས་ཉེ་ པ་ཡིན། ཚད་ལྡན་གྱི་ཁ་དོག་དེ་དྲ་ཚིགས་ཀྱི་མཚོན་རྟགས་དང་མཚན་བྱང༌། གདམ་ཐོ་གཙོ་བོ། སྤྱི་ཐད་ཀྱི་ཁ་དོག་བཅས་ལ་བཀོལ་ན་མི་རྣམས་ལ་ཕྱོགས་ཡོངས་དང་གཅིག་བསྡུས་ཀྱི་ སྣང་བ་ཞིག་སྟེར་ཐུབ། འདིར་ཁ་དོག་གཞན་པ་གཏན་ནས་བཀོལ་མི་རུང་བའམ་འདྲེས་མི་རུང་ཞེས་པའི་དོན་མིན་ཏེ། ཚན་ལྡན་ཁ་དོག་སྟེང་འོས་འཚམས་ཀྱི་ཁ་དོག་གཞན་པ་ཉུང་ཙམ་བཀོལ་ན་རྒྱན་སྤྲས་དང་ འབུར་ཐོན་ཡོང་བར་ནུས་པ་གལ་ཆེན་ཐོན་ཐུབ་པ་རེད། ཡིན་ཡང་ཁ་དོག་གི་གཙོ་ཕལ་དབྱེ་བར་རྩིས་མཐོང་བྱེད་དགོས། 3.དྲ་ཚིགས་ཀྱི་ཚད་ལྡན་ཡིག་གཟུགས་ཇུས་འགོད་བྱེད་དགོས། ཚད་ལྡན་གྱི་ཡིག་གཟུགས་ནི་ཚད་ལྡན་གྱི་ཁ་དོག་དང་འདྲ་བར་དྲ་ཚིགས་སྟེང་གི་གདམ་ ཐོ་གཙོ་བོ་དང་རྩོམ་བྱང་། ནང་དོན་དངོས་འཆར་བར་བཀོལ་བའི་ཆེད་དམིགས་ཀྱི་ཡིག་གཟུགས་ལ་ཟེར་བ་ཡིན། སྤྱིར་བཏང་དུ་རྒྱ་ཡིག་དྲ་ངོས་ཀྱི་ངོས་ལེན(默 认)ཡིག་གཟུགས་ནི宋体ཡིན་ལ། བོད་ཡིག་ལ་མཚོན་ན་པཎྟིཏ་དང་དོན་ཡོད། ཧྥང་ཀྲིན། ཧི་མ་ལ་ཡ་སོགས་ཡོད་པས་དྲ་ཚིགས་ཀྱི་དགོས་མཁོ་ལྟར་རང་འགར་འདེམས་ཆོག་ཀྱང༌། བོད་ཡིག་གི་ཡིག་གཟུགས་སྔོན་མ་གསུམ་ནིVistaམ་ལག་མ་ཐོན་སྔོན་ལ་རྒྱུགས་ཆེ་བའི་ བོད་ཡིག་ཡིག་གཟུགས་ཡིན་ཞིང་དེ་ནི་རྒྱ་ཡིག་གི་ཡིག་མཛོད་ལྷག་མའི་སྟེང་བཟོས་ ཡོད་པས་རྩིས་འཁོར་རང་སྟེང་དུ་ཡིག་གཟུགས་དེ་དག་མེད་སྟབས་ཡིག་མཛོད་ཟུར་དུ་ སྒྲིག་འཇུག་བྱེད་དགོས་པའམ་དྲ་ངོས་ནསEOTཡིག་འཆར་ལག་རྩལ་བཀོལ་དགོས། Himalayaཡིག་གཟུགས་ནིVistaམ་ལག་ཁྲོད་རང་ཁུར་བྱས་ཡོད་པའི་རྒྱལ་སྤྱིའི་ཚད་ ལྡན་གྱི་ཡིག་གཟུགས་ཡིན་སྟབས་གོང་གི་འགག་རྐྱེན་དེ་དག་མེད་པ་མ་ཟད། དྲ་ངོས་ཀྱི་རྒྱུ་ཆ་མཉམ་སྤྱོད་བྱེད་བདེ་བ་དང་མཉེན་ཆས་གང་རུང་ནས་རམ་འདེགས་ བྱེད་ཐུབ་པས་ཡིག་གཟུགས་གསར་བ་དེ་བཀོལ་ན་མ་འོངས་པར་ལས་ཀ་བསྐྱར་ལས་བྱེད་མི་ དགོས་ལ་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གོང་སྤེལ་དུ་གཏོང་བར་མདུན་ལྗོངས་རྒྱ་ཆེན་ ལྡན་པ་རེད། 4. དྲ་ཚིགས་ཀྱི་དྲིལ་སྒྲོག་སྦྱར་ཡིག་སྦྱོར་དགོས(宣传标语)། དྲིལ་སྒྲོག་སྦྱར་ཡིག་ནི་དྲ་ཚིགས་ཀྱི་གསོན་ཤུགས་དང་དམིགས་འབེན་ཡིན་པས། འདི་ལ་ཡིག་འབྲུ་ཚིག་གཅིག་གམ་མིང་བརྡ་གཅིག་གིས་ཚད་མཐོན་པོའི་སྒོ་ནས་སྙིང་ བསྡུས་བྱས་ཆོག་ལ། གོང་གི་མཚོན་རྟགས་དང་ཁ་དོག ཡིག་གཟུགས། སྦྱར་ཡིག་བཅས་ནི་དྲ་ཚིགས་དེའི་སྣང་བརྙན་གསར་བཞེངས་བྱེད་པའི་གནད་འགག་ཡིན་ སྟབས་དྲ་ཚིགས་ཀྱི་ནང་དོན་དང་པར་ངོས་ཇུས་འགོད་བྱས་པ་ཅུང་ལེགས་པོ་ཞིག་འཁྱོང་ ཡོད་ཚེ་དྲ་ཚིགས་གང་དེའི་ཕྱོགས་ཡོངས་ཀྱི་སྣང་བརྙན་སྔར་ལས་ལྷག་པར་མཐོ་རུ་ འདེགས་ཐུབ། །

ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས།

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )